climax community
biol. An ecological community in which populations of plants or animals remain stable and exist in balance with each other and their environment. A climax community is the final stage of succession, remaining relatively unchanged until destroyed by an event such as fire or human interference.
རྩི་ཤིང་ངམ་སྲོག་ཆགས་ཀྱི་ཚོགས་འདུས་བརྟན་པོར་རྒྱུན་གནས་བྱེད་ཅིང་། ཕན་ཚུན་གྱི་དབར་དང་ཁོར་ཡུག་གི་ནང་དུ་ཆ་སྙོམས་པོའི་སྒོ་ནས་འཚོ་གནས་བྱེད་པའི་སྣོད་བཅུད་ཀྱི་ཚོགས་སྡེ་ཞིག་ལ་གོ རྩེར་སོན་ཚོགས་སྡེ་ནི་ཤུལ་འཛིན་གྱི་རྒྱུད་རིམ་ནང་གི་རིམ་པ་མཐའ་མ་དེ་ཡིན་ཞིང་། མེའམ་མིའི་ཐེ་བྱུས་ཀྱིས་གཏོར་བཤིག་མ་བཏང་བའི་བར་དུ་ལྟོས་བཅས་ཀྱི་འགྱུར་བ་མེད་པའི་སྒོ་ནས་གནས་ཀྱི་ཡོད། (གནམ་གཤིས་གང་རུང་རུང་ཞིག་གི་སྐབས་སུ་ཁོར་ཡུག་ཅིག་ཏུ་གནས་པའི་སྐྱེ་དངོས་དང་སེམས་ཅན་སོགས་ཀྱི་ཚོགས་སྡེ་དེ་ཁོར་ཡུག་དང་བཏང་སྙོམས་ཀྱི་སྒོ་ནས་ལེགས་ཤོས་སུ་ཡོད་པ།)