Carboniferous period
biol. Period of the Paleozoic era, lasting from approximately 345 to 280 mya; formation of widely distributed fern-filled swamps, from which the majority of the earth’s known coal deposits were formed. Aka the Age of Vegetation. Fossil amphibians are common from this period.
གནའ་བསྐལ་གྱི་དུས་རབས་ཤིག་སྟེ་ཕལ་ཆེར་ལོ་ངོ་ས་ཡ་ ༣༤༥ སྔོན་ནས་ལོ་ངོ་ས་ཡ་ ༢༨༠ སྔོན་བར་དུ་གནས་ཡོད་པ་དང་། ལྡུམ་པོ་རེ་རལ་གྱིས་ཁེངས་བའི་འདམ་གཞུང་ཡོངས་ཁྱབ་ཏུ་གྲུབ་ཅིང་། འདི་ལས་སའི་གོ་ལའི་སྟེང་དུ་ད་ལྟའི་ཆར་རྟོགས་ཡོད་པའི་རྡོ་སོལ་གྱི་གཏེར་ཕུང་ཕལ་ཆེ་བ་གྲུབ། འདི་ལ་རྩི་ཤིང་གི་ལོ་རབས་ཞེས་ཀྱང་ཟེར་བ་དང་། སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་ཀྱི་འགྱུར་རྡོ་ཕལ་ཆེ་བ་ནི་དུས་རབས་འདིའི་སྐབས་སུ་གྲུབ།