ཧ་བྷལ་མཁའ་དབྱིངས་རྒྱང་ཤེལ།
phys. A telescope used to take pictures from space, avoiding the difficulties arising from the earth’s atmosphere. These pictures give important information on many aspects of astronomy and cosmology. The Hubble Space Telescope (named after Edwin Hubble) was launched in 1990 by the National Aeronautics and Space Administration (NASA) of the USA.
གོ་ལའི་རླུང་ཁམས་བརྒྱུད་ནས་མཐོ་ཚད་གང་ཞིག་ལ་སྙོབ་དགོས་པའི་དཀའ་ངལ་མེད་པའི་སྒོ་ནས་མཁའ་དབྱིངས་ནས་དཔར་རྒྱག་བྱེད་དུ་སྤྱོད་པའི་རྒྱང་ཤེལ་ཞིག དཔར་འདི་དག་གིས་སྐར་དཔྱད་རིག་པ་དང་སྣང་སྲིད་རིག་པའི་གནས་སྟངས་གང་མང་གི་ཐད་ལ་གལ་ཆེ་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད། ཧ་སྦལ་མཁའ་དབྱིངས་རྒྱང་ཤེལ་(ཨེཌ་ཝིན་ཧ་སྦལ་གྱི་མཚན་ལ་བརྟེན་ནས་བཏགས།) ནི་ཨ་རིའི་རྒྱལ་ཡོངས་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་འཛིན་སྐྱོང་(ནཱ་སཱ།)གིས་སྤྱི་ལོ་ ༡༩༩༠ ལོར་མཁའ་དབྱིངས་སུ་བཏང་བ་རེད།