སྙིང་གི་ཤ་སྒྲིམ།

biol. A type of muscle tissue that is found only in the heart and is distinguishable from the two other forms of muscle, smooth muscle (that moves internal organs, such as the bowels, and vessels, such as the artery walls) and skeletal muscle (that powers joints). Cardiac muscle is responsible for pumping blood throughout the body.
འཇམ་པའི་ཤ་སྒྲིམ་(རྒྱུ་མ་ལྟ་བུའི་ནང་ཁྲོལ་དང་འཕར་རྩའི་སྐོགས་ཤུན་ལྟ་བུའི་རྩ་སྦུབས་འགུལ་སྐྱོད་གཏོང་མཁན་) དང་རུས་འབྱར་ཤ་སྒྲིམ་(ལྷུ་ཚིགས་ལ་ནུས་སྟོབས་སྤྲོད་མཁན་) སྟེ་ཤ་སྒྲིམ་གྱི་རིགས་གཞན་གཉིས་ལས་ཐ་དད་ཡིན་ཞིང་སྙིང་ཁོ་ནའི་ནང་དུ་ཡོད་པའི་ཤ་སྒྲིམ་ཕུང་གྲུབ་ཀྱི་རིགས་ཤིག་ལ་གོ་བ་དང་། སྙིང་གི་ཤ་སྒྲིམ་གྱི་བྱེད་ལས་ནི་ལུས་པོ་ཡོངས་སུ་ཁྲག་ཕུ་རྒྱག་གཏོང་རྒྱུ་དེ་རེད།