ཤུགས་ལྡབ་སྤེལ་བྱེད།
phys. Machine designed to multiply a small effort in order to move a larger load. The ratio by which a machine multiplies the effort is called its mechanical advantage. Examples of a force multiplier include crowbar, wheelbarrow, nutcrackers, and bottle opener.
རྩོལ་བ་ཆུང་ཆུང་ཞིག་ལྡབ་ཀྱིས་ཇེ་ཆེར་བཏང་སྟེ་དོ་པོ་ཆེན་པོ་ཞིག་སྒུལ་བའི་ཕྱིར་དུ་འཆར་འགོད་བྱས་པའི་འཕྲུལ་ཆས་ཤིག འཕྲུལ་ཆས་དེས་རྩོལ་བ་དེ་ཅི་ཙམ་གྱིས་ཇེ་ཆེར་བཏང་བའི་བསྡུར་ཚད་དེ་ལ་འཕྲུལ་ལས་ཀྱི་ཁེ་ཕན་ཟེར། ཤུགས་ལྡབ་སྤེལ་བྱེད་ཀྱི་དཔེ་མཚོན་ནི། ལྕགས་ཧྲེང་དང་། ལག་འདྲུད་འཁོར་ལོ། སྟར་སྐམ། ཤེལ་དམ་གྱི་ཁ་འབྱེད་ཆས་ལྟ་བུ་ཡིན་ནོ།