རགས་ཟ།

biol. One type of phagocyte of the immune system that can ingest bacteria and cell debris and coordinate tissue repair. They form from monocytes, which circulate in the blood, migrate to sites of cell damage and differentiate into macrophages.
ནད་འགོག་མ་ལག་གི་ཟ་བྱེད་ཕྲ་ཕུང་གི་རིགས་གཅིག་སྟེ། སྲིན་འབུ་དང་ཕྲ་ཕུང་གི་བཤིག་རོ་རྣམས་ཟ་ཐུབ་ཅིང་། ཕུང་གྲུབ་བསྐྱར་བཟོའི་འབྲེལ་མཐུད་བྱེད་ཐུབ་མཁན་ཞིག་ཡིན། རགས་ཟ་ནི་གཅིག་ལྡན་ཕྲ་ཕུང་ནས་གྲུབ་ཀྱི་ཡོད་པ་སྟེ། གཅིག་ལྡན་ཕྲ་ཕུང་དེ་དག་ཁྲག་གི་ནང་དུ་རྒྱུ་ཞིང་ཕྲ་ཕུང་སྐྱོན་ཅན་གྱི་ཁུལ་དུ་གནས་སྤོ་བྱས་ཏེ་རགས་ཟ་རུ་ཁྱད་འགྱུར་འགྲོ་བ་ཡིན།