འགྱུར་རྡོའི་བུད་རྫས།

phys. Coal, oil, and natural gas, the fuels used by man as a source of energy. They are formed from the remains of living organisms and all have a high carbon or hydrogen content. Their value as fuels relies on the exothermic oxidation of carbon to form carbon dioxide (C+O2—CO2) and the oxidation of hydrogen to form water (H2+1/2O2—H2O).
འགྲོ་བ་མི་ཡིས་ནུས་པའི་འབྱུང་ཁུངས་སུ་སྤྱོད་པའི་བུད་རྫས་རྡོ་སོལ་དང་། སྣུམ། རང་བྱུང་རླངས་རྫས་བཅས་སོ། འདི་དག་ནི་སྐྱེ་ལྡན་གྱི་ལྷག་མ་ལས་གྲུབ་ལ་ནག་རྫས་དང་ཡང་རླུང་གི་འདུས་ཚད་མཐོ་བོ་ཡོད། བུད་རྫས་འདི་དག་གི་རིན་ཐང་ནི་ཚ་ནུས་འདོན་པའི་འཚོ་རླུང་འདྲེས་སྦྱོར་ཏེ་ནག་རྫས་དང་འཚོ་རླུང་འདྲེས་ནས་ནག་རྫས་འཚོ་རླུང་ཉིས་ལྡན་གྲུབ་པ་དང་། ཡང་རླུང་དང་འཚོ་རླུང་འདྲེས་ནས་ཆུ་གྲུབ་པ་གཉིས་ལ་བརྟེན་ནས་འཇོག་གི་ཡོད།