ཟླ་མཚན་རྒྱུན་འཁོར།
biol. The series of bodily changes in women and other female primates in which the lining of the uterus thickens to allow for implantation of a fertilized egg. The cycle takes about a month to complete, with ovulation usually occurring around the midway point. If the egg produced is not fertilized, the lining of the uterus breaks down and is discharged during menstruation.
བུད་མེད་དང་མཐོ་རིམ་སྲོག་ཆགས་མོ་ཡི་བུ་སྣོད་ཀྱི་ནང་ཤ་མཐུག་པོར་གྱུར་ཏེ་ཁམས་འདུས་ས་བོན་ཐོགས་འབྱར་བྱེད་དུ་འཇུག་པའི་ལུས་ནང་གི་བསྟར་རིམ་གྱི་འགྱུར་བ་དེ་ལ་གོ་བ་དང་། རྒྱུན་འཁོར་འདི་ཟླ་གཅིག་ཙམ་གྱི་ནང་དུ་མཇུག་རྫོགས་པར་བྱེད་ཅིང་ཁམས་དམར་གློད་འདོན་གྱི་བྱ་བ་དུས་དཀྱིལ་ཙམ་ལ་འབྱུང་། གལ་ཏེ་ཁམས་དམར་གློད་འདོན་བྱས་མོད་ཁམས་དཀར་དང་འདྲེས་སྦྱོར་མ་བྱས་ཚེ། བུ་སྣོད་ཀྱི་ནང་ཤ་ཐོར་བཤིག་ཏུ་གྱུར་ཏེ་ཟླ་མཚན་གྱི་སྐབས་སུ་ཕྱིར་འབབ་ཀྱི་ཡོད།