མེར་ཀེལ་ཕྲ་ཕུང།

biol. A special type of cell found right below the epidermis. These cells are very close to the nerve endings that receive the sensation of touch and may be involved in touch. The cells also contain substances that may act as hormones.
ཕྱི་པགས་ཀྱི་འོག་ཏག་ཏག་ན་ཡོད་པའི་ཕྲ་ཕུང་གི་རིགས་དམིགས་བསལ་བ་ཞིག་ལ་ཟེར་ཞིང་། རེག་ཚོར་སྣེ་ལེན་པའི་རྩ་སྣེ་དང་ཧ་ཅང་ཉེ་བ་དང་། རེག་བྱའི་བྱེད་ལས་ཀྱང་སྒྲུབ་སྲིད། མེར་ཀེལ་ཕྲ་ཕུང་གི་ནང་དུ་རྨེན་རྫས་ལྟར་བྱ་བ་བྱེད་སྲིད་པའི་རྫས་ཀྱང་ཡོད།