མངོན་རྣམ་གྱི་འགྱུར་བ།
phys. A transition between one state of matter and another. Melting is the change of state from solid to liquid, with freezing the reverse change. Boiling is the change of state from liquid to gas, with condensation the reverse change. Sublimation is the change of state from solid directly to gas or vice versa. During a change of state, the temperature remains constant as the latent heat is transferred.
བེམ་རྫས་མངོན་རྣམ་གཅིག་ནས་གཞན་དུ་འཕོ་འགྱུར་བྱེད་པ་ལ་གོ སྲ་གཟུགས་ནས་གཤེར་གཟུགས་སུ་འགྱུར་བ་ལ་བཞུ་བ་ཟེར་ཞིང་། དེའི་ལྡོག་ཕྱོགས་ནི་འཁྱག་འགྱུར་ཡིན། གཤེར་གཟུགས་ནས་རླངས་གཟུགས་སུ་འགྱུར་བ་ལ་ཁོལ་བ་ཟེར་ཞིང་། དེའི་ལྡོག་ཕྱོགས་ཀྱི་འགྱུར་བ་ནི་གཤེར་འགྱུར་ཡིན། སྲ་གཟུགས་ནས་ཐད་ཀར་རླངས་གཟུགས་སུ་འགྱུར་བའམ་འདིའི་ལྡོག་ཕྱོགས་ཀྱི་འགྱུར་བ་ལ་སྲ་རླངས་ཐད་འགྱུར་ཟེར། མངོན་རྣམ་གྱི་འགྱུར་བའི་སྐབས་སུ་དྲོད་ཚད་ལ་འགྱུར་བ་མེད་ཅིང་གབ་དྲོད་འཕོ་འགྱུར་བྱེད།