བག་ཞའི་གནས་སྐབས།
biol. A state in which seeds and other structures (such as underground stems) reduce their metabolic activities to a minimum level during unfavourable conditions (e.g. low temperature, drought) so as to survive until conditions improve.
གནས་སྟངས་ཡག་པོ་མེད་པའི་སྐབས་སུ་(དཔེར་ན་གནམ་གཤིས་གྲང་བའི་སྐབས་སམ། ཐན་པའི་སྐབས་ལྟ་བུ་)ས་བོན་དང་རྩི་ཤིང་གི་ཆ་ཤས་གཞན་ (ས་འོག་ཏུ་ཡོད་པའི་གཞུང་རྟ་ལྟ་བུ་) གྱིས་ནུས་སྒྱུར་གྱི་བྱེད་སྒོ་རྣམས་རིམ་པ་ཆེས་དམའ་ཤོས་ལ་སྐྱེལ་ཏེ་གནས་སྟངས་ཡར་རྒྱས་སུ་འགྲོ་རག་བར་དུ་འཚོ་གནས་རྒྱུན་མཐུད་དུ་བྱེད་པའི་གནས་སྐབས་ལ་གོ [རྩི་ཤིང་སོགས་ཀྱིས་སྐབས་ཤིག་གི་རིང་ལ་སྐྱེ་འཚར་དང་འགུལ་སྐྱོད་སོགས་མཚམས་འཇོག་བྱེད་པའི་གནས་སྐབས།]