ནག་རྫས་འཁོར་རྒྱུན།

biol. The series of processes by which carbon compounds are interconverted in the environment, involving the incorporation of carbon dioxide into living tissue by photosynthesis and its return to the atmosphere through respiration, the decay of dead organisms, and the burning of fossil fuels.
རང་བྱུང་ཁམས་སུ་ཁར་སྦོན་འདུས་རྫས་ཕར་ཚུར་བརྗེ་བསྒྱུར་བྱེད་པའི་རྒྱུད་རིམ་སྟར་ཆགས་ཅན་ཞིག་ལ་གོ་ཞིང་། འདིའི་སྐབས་སུ་ཁར་སྦོན་འཚོ་རླུང་གཉིས་ལྡན་འོད་སྦྱོར་ལ་བརྟེན་ནས་སྐྱེ་དངོས་ཀྱི་ཕྲ་ཕུང་དུ་མཉམ་སྡེབ་བྱེད་ཀྱི་ཡོད་པ་དང་། དབུགས་འབྱིན་རྔུབ་དང་། ཤི་བའི་སྐྱེ་དངོས་ཀྱི་ཟད་འགྱུར། འགྱུར་རྡོའི་བུད་རྫས་མེར་སྲེག་གཏོང་བ་བཅས་ལ་བརྟེན་ནས་རླུང་ཁམས་སུ་ཕྱིར་ལོག་གི་ཡོད།