དབང་རྩ་མ་ལག

neurosci. The system of nerve cells and tissues that regulates the actions and responses of vertebrate and many invertebrate animals. The nervous system of vertebrates consists mainly of the brain, spinal cord, and nerves. The nervous systems of invertebrates vary from a simple nerve net to a complex nerve network under the control of a central brain.
སྒལ་རུས་ཅན་གྱི་སྲོག་ཆགས་རྣམས་དང་སྒལ་རུས་མེད་པའི་སྲོག་ཆགས་གང་མང་ཞིག་གི་བྱ་བ་དང་ཡ་ལན་ལ་སྟངས་འཛིན་བྱེད་མཁན་གྱི་དབང་རྩའི་ཕྲ་ཕུང་དང་ཕུང་གྲུབ་ཀྱི་མ་ལག་ལ་ཟེར། སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་དབང་རྩ་མ་ལག་གི་ནང་དུ་གཙོ་བོ་ཀླད་པ་དང་རྒྱུངས་པ། དབང་རྩ་བཅས་ཡོད་ཅིང་། སྒལ་རུས་མེད་པའི་སྲོག་ཆགས་ཀྱི་དབང་རྩ་མ་ལག་གི་ནང་དུ་སྟབས་བདེ་བའི་དབང་རྩའི་དྲ་བ་ཞིག་ཡོད་པ་ནས་ཀླད་པ་གཙོ་བོ་ཞིག་གི་ཚོད་འཛིན་འོག་ཏུ་ཡོད་པའི་རྙོག་འཛིང་ཅན་གྱི་དབང་རྩའི་དྲ་ཚོགས་ཤིག་ཡོད་པའི་བར་ཚུད་ཀྱི་ཡོད།