ཌེང་སྒེ་ཚད་ནད།
biol. An acute, infectious tropical disease caused by any of four related flaviviruses that are transmitted by mosquitoes, characterized by high fever, rash, headache, severe muscle and joint pain, and minor bleeding. A severe form of the disease (dengue hemorrhagic fever), characterized by bleeding from the gums and gastrointestinal tract, can lead to shock and death.
ཧྥ་ལེ་ཝི་གཉན་སྲིན་བཞིའི་ནང་ནས་གང་རུང་གཅིག་གིས་རྐྱེན་བྱས་ཤིང་དུག་སྦྲང་གིས་བརྒྱུད་སྤེལ་བྱས་པའི་འགོ་ཉེན་ཅན་གྱི་ཚ་ནད་དྲག་པོ་ཞིག་ལ་ཟེར་ཞིང་། ནད་རྟགས་སུ་ཚ་བ་རྒྱས་པ་དང། ཐོར་སིབ་ཐོན་པ། མགོ་ན་བ། ཤ་གནད་དང་ལྷུ་ཚིགས་ལ་ན་ཟུག་དྲག་པོ་འབྱུང་བ། ཁྲག་ཉུང་ངུ་ཐོན་པ་བཅས་ཡིན། ཌེང་སྒེ་རུས་རིམས་ཀྱི་ནད་ལྕི་མོ་ཞིག་གི་ནད་རྟགས་སུ་སོ་རྙིལ་དང་ཕོ་བ་དང་རྒྱུ་མ་ནས་ཁྲག་ཐོན་པ། ཐ་ན་དྲན་པ་འཐོར་བ་དང། འཆི་སྐྱོན་ཡང་འབྱུང་སྲིད།