ཉེས་འགྱུར།

biol. A change in the structure of a gene or chromosome in a cell. A mutation occurs when there is a change in the DNA sequence of a gene or when part of a chromosome is duplicated, deleted, or moved to another location. Mutations occurring in the sex cells, such as an egg or sperm, can be passed from one generation to the next, but mutations occurring in the body cells cannot. Most mutations have harmful effects, but some can improve an organism’s ability to survive.
ཕྲ་ཕུང་ཞིག་གི་རིགས་རྫས་སམ་ཚོས་གཟུགས་ཀྱི་ཆགས་བཀོད་ལ་ཐེབས་པའི་འགྱུར་བ་ཞིག ཉེས་འགྱུར་ནི་རིགས་རྫས་ཤིག་གི་ཌི་ཨེན་ཨེའི་འཁོད་རིམ་གྱི་ནང་དུ་འགྱུར་ལྡོག་ཅིག་བྱུང་སྐབས་སམ། ཡང་ན་ཚོས་གཟུགས་ཀྱི་ཆ་ཤས་ཤིག་འདྲ་བཤུས་བྱས་པའམ། ཕྱིར་འདོན་བྱས་པའམ། ཡང་ན་གནས་གཞན་དུ་སྤོ་བཞུད་བྱས་པའི་སྐབས་སུ་འབྱུང་གི་ཡོད། ཁམས་དཀར་དང་ཁམས་དམར་ལྟ་བུའི་མཚན་མའི་ཕྲ་ཕུང་ལ་བྱུང་བའི་ཉེས་འགྱུར་ནི་ནི་རབས་གཅིག་ནས་རབས་རྗེས་མར་བརྒྱུད་སྤྲོད་བྱེད་ཐུབ་ཀྱི་ཡོད་ཀྱང། ལུས་ཀྱི་ཕྲ་ཕུང་ལ་བྱུང་བའི་ཉེས་འགྱུར་དེ་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མི་ཐུབ། ཉེས་འགྱུར་ཕལ་མོ་ཆེས་གནོད་འཚེ་ཅན་གྱི་ཤུགས་རྐྱེན་སྤྲོད་ནའང། ཉེས་འགྱུར་འགའ་ཞིག་གིས་སྐྱེ་དངོས་ཤིག་གི་འཚོ་གནས་ཀྱི་ནུས་པ་ཇེ་བཟང་དུ་གཏོང་ཐུབ་ཀྱི་ཡོད། [རྒྱུན་ལྡན་མིན་པའི་འགྱུར་ལྡོག]