ཉེར་མཁོའི་གདོས་ཚད།
phys. Minimum mass of fissionable material in a nuclear reactor or nuclear bomb that will sustain a chain reaction. A subcritical mass is one in which the chain reaction dies out. A supercritical mass is one in which the chain reaction builds up explosively.
ལྟེ་ནུས་སྐྲུན་ཆས་སམ་ལྟེ་རྡུལ་མཚོན་ཆ་ཞིག་ཏུ་བསྟར་ཆགས་འདྲེས་འགྱུར་རྒྱུན་མཐུད་པར་མཁོ་བའི་གས་འགྱུར་རུང་བའི་དངོས་རྫས་ཀྱི་གདོས་ཚད་ཉུང་ཤོས། ཉེ་བའི་ཉེར་མཁོའི་གདོས་ཚད་ཀྱི་སྐབས་སུ་བསྟར་ཆགས་འདྲེས་འགྱུར་འགག་འགྲོ་བ་དང་། ཁྱད་འཕགས་ཉེར་མཁོའི་གདོས་ཚད་ཀྱི་སྐབས་སུ་བསྟར་ཆགས་འདྲེས་འགྱུར་དྲག་པོའི་སྒོ་ནས་འཕེལ་གྱི་ཡོད།