གློག་རྡུལ་རིག་པ། གློག་ཆས་རིག་པ། གློག་ཆས།
phys. The branch of physics and technology concerned with the design of circuits using transistors and microchips, and with the behaviour and movement of electrons in a semiconductor, conductor, vacuum, or gas.
གློག་འདྲེན་ཤེལ་སྦུབས་དང་བྱང་བུ་ཕྲ་མོ་སྤྱད་དེ་གློག་ལམ་བཟོ་འགོད་དང་། ཕྱེད་ཁྲིད་གཟུགས་སམ། ཁྲིད་གཟུགས། སྟོང་སངས་ཁམས། ཡང་ན་རླངས་གཟུགས་སུ་གློག་རྡུལ་གྱི་རྒྱུ་སྟངས་ལ་ཞིབ་འཇུག་བྱེད་པ་བཅས་དང་འབྲེལ་བའི་དངོས་ཁམས་དང་འཕྲུལ་རིག་གི་སྡེ་ཚན་ཞིག