གཟའ་སྤེན་པ།
phys. The planet sixth in order from the sun, having an equatorial diameter of 120,000 km, a mean distance from the sun of 1427 million km, a period of revolution of 29.46 years, and 21 known moons. It is the second largest planet in the solar system, encompassed by a series of thin, flat rings composed of small particles of ice.
ཉི་མ་ནས་བརྩིས་པའི་གཟའ་སྐར་དྲུག་པ་དེ་ཡིན་ཞིང་། དཀྱིལ་ཐིག་ཁུལ་གྱི་ཚངས་ཐིག་ལ་ཀི་ལོ་མི་ཊར་ ༡༢༠༠༠༠ དང་ཉི་མ་ནས་ཆ་སྙོམས་རྒྱང་ཐག་ཀི་ལོ་མི་ཊར་ས་ཡ་ ༡༤༢༧ ཡི་སར་ཡོད་པ་དང་། ཉི་མར་བསྐོར་བ་རྒྱག་པའི་དུས་ཡུན་ནི་ལོ་ ༢༩.༤༦ ཡིན་ལ་ངོས་འཛིན་བྱས་ཚར་བའི་ཟླ་བ་ ༢༡ ཡོད། འདི་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་སྐར་ཆེ་ཤོས་གཉིས་པ་དེ་ཡིན་ཞིང་མཐའ་རུ་འཁྱག་པའི་རྡུལ་ཆུང་ངུས་གྲུབ་པའི་སྲབ་ཅིང་ལེབ་པའི་ཨ་ལོང་མང་པོས་བསྐོར་ནས་ཡོད།