གཞི་རྩའི་འཐབ་སྦྲེལ། (གཞི་རྩའི་འཐབ་སྦྱོར།)
phys. The four different types of interaction that can occur between bodies. These interactions can take place even when the bodies are not in physical contact and together they account for all the observed forces that occur in the universes. While the unification of these four types of interaction into one model, theory, or set of equations has long been the aim of physicists, this has not yet been achieved, although progress has been made in the unification of the electromagnetic and weak interactions.
དངོས་གཟུགས་ཀྱི་དབར་དུ་འབྱུང་ཐུབ་པའི་འཐབ་སྦྱོར་རིགས་མི་འདྲ་བ་བཞི། འཐབ་སྦྱོར་འདི་དག་དངོས་གཟུགས་ཕན་ཚུན་ཐུག་མེད་ན་ཡང་འབྱུང་ཐུབ་ལ། འདི་དག་གིས་འཇིག་རྟེན་ཁམས་སུ་མངོན་པའི་ཤུགས་ཡོད་ཚད་ལ་འགྲེལ་བཤད་རྒྱག་གི་ཡོད། འཐབ་སྦྱོར་རིགས་བཞི་པོ་འདི་དག་དཔེ་གཞི་ཞིག་གམ། གཏན་ཁྲིམས་གཅིག མཉམ་བྱ་ཁྱུ་གཅིག་ཏུ་སྒྲིལ་རྒྱུ་ནི་དུས་ཡུན་རིང་པོ་ཞིག་གི་ནང་དངོས་ཁམས་ཚན་རིག་པའི་དམིགས་ཡུལ་ཡིན་ན་ཡང་། གློག་ཁབ་ལེན་གྱི་འཐབ་སྦྱོར་དང་ཞན་པའི་འཐབ་སྦྱོར་གཉིས་གཅིག་ཏུ་སྒྲིལ་བར་ཡར་རྒྱས་ཕྱིན་ཡོད་པ་མ་གཏོགས། ད་དུང་ལེགས་འགྲུབ་བྱུང་མེད།