ཁྲག་ཀླད་དབྱེ་མཚམས།

biol. A network of blood vessels and tissue that is made up of closely spaced cells and helps keep harmful substances from reaching the brain. The blood-brain barrier lets some substances, such as water, oxygen, carbon dioxide, and general anesthetics, pass into the brain. It also keeps out bacteria and other substances, such as many anticancer drugs.
ཚགས་དམ་པོའི་ཕྲ་ཕུང་གིས་གྲུབ་པའི་ཁྲག་རྩ་དང་ཕུང་གྲུབ་ཀྱི་དྲ་ཚོགས་ཤིག་ལ་ཟེར་ཞིང་། འདི་ཡིས་གནོད་འཚེ་ཅན་གྱི་བེམ་རྫས་བཀག་འགོག་བྱས་ཏེ་ཀླད་པར་འབྱོར་དུ་མི་འཇུག་པར་ཕན་གྱི་ཡོད། ཁྲག་ཀླད་དབྱེ་མཚམས་ཀྱིས་ཆུ་དང་། འཚོ་རླུང། ཁར་བོན་འཚོ་རླུང་ཟུང་ལྡན། རྒྱུན་ལྡན་སྦྲིད་སྨན་ལྟ་བུའི་བེམ་རྫས་འགའ་ཞིག་ཀླད་པའི་ནང་ལ་འཛུལ་དུ་འཇུག ཁྲག་ཀླད་དབྱེ་མཚམས་ཀྱིས་སྲིན་བུ་དང་སྐྲན་འགོག་སྨན་རྫས་སྣ་ཚོགས་པ་ལྟ་བུའི་བེམ་རྫས་གཞན་རྣམས་ཀྱང་འགོག་གི་ཡོད།