ཁབ་ལེན་གྱི་ཤུགས།

phys. (a) Between magnets, it is the attraction of unlike magnetic poles for each other and the repulsion between like magnetic poles. (b) Between a magnetic field and a moving charged particle, it is a deflecting force due to the motion of the particle: The deflecting force is perpendicular to the magnetic field lines and the direction of motion. This force is greatest when the charged particle moves perpendicular to the field lines and is smallest (zero) when it moves parallel to the field lines.
(ཀ) ཁབ་ལེན་གཉིས་ལ་མཚོན་ན། མི་མཚུངས་པའི་སྣེ་གཉིས་དབར་གྱི་འགུག་ཤུགས་དང་མཚུངས་པའི་སྣེ་གཉིས་དབར་གྱི་འབུད་ཤུགས་ལ་གོ (ཁ) ཁབ་ལེན་ར་བ་ཞིག་དང་འགུལ་སྐྱོད་བྱེད་ཀྱིན་པའི་ཁུར་རྡུལ་གཉིས་ཀྱི་དབར་ལ་མཚོན་ན། དེ་ནི་ཕྲ་རྡུལ་གྱི་འགུལ་སྐྱོད་ལ་བརྟེན་ནས་བྱུང་བའི་འཁྱོག་འགྲོས་ཀྱི་ཤུགས་དེ་ཡིན། འཁྱོག་འགྲོས་ཀྱི་ཤུགས་དེ་ནི་ཁབ་ལེན་ར་ཐིག་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་གཉིས་ཀར་དྲང་འཕྱང་ཡིན། ཁུར་རྡུལ་དེ་ར་ཐིག་ཏུ་དྲང་འཕྱང་དུ་འགུལ་སྐབས་ཤུགས་ཆེ་ཤོས་དང་མཉམ་གཤིབ་ཀྱི་འགུལ་སྐབས་ཤུགས་ཆུང་ཤོས་ (ཀླད་ཀོར་) ཡིན།