སྐྱེ་ཕུང་བརྗེ་སྒྱུར།
biol. Biomass conversion is the process of creating energy by burning materials of recent biological origin, such as wood waste. Typically, biomass conversion is used to generate electricity for sale to a utility.
སྐྱེ་ཕུང་བརྗེ་སྒྱུར་ནི་ཤིང་རོ་ལྟ་བུའི་སྐྱེ་ལྡན་ནས་ཐོན་པའི་དངོས་རྫས་མེར་སྲེག་གཏོང་བ་ལ་བརྟེན་ནས་ནུས་པ་སྐྱེད་སྐྲུན་བྱེད་པའི་རྒྱུད་རིམ་ལ་ཟེར་ཞིང་། སྤྱིར་བཏང་བྱས་ན། སྐྱེ་ཕུང་བརྗེ་སྒྱུར་ནི་བཀོལ་སྤྱོད་ཚོང་ལས་སྡེ་ཚན་ཞིག་ལ་བཙོང་བྱའི་གློག་ནུས་སྐྱེད་སྐྲུན་བྱེད་པར་སྤྱོད་ཀྱི་ཡོད།