ལྟེ་ཁུལ་ཚོམ་བུ།
neurosci. A nucleus in the amygdala, this receives sensory information from the primary sensory cortex, the association cortex and the thalamus. It projects fibres to the hypothalamus, midbrain, pons and medulla and is involved in coordinating the various components that make up the expression of emotional responses.
ཁམ་ཙིག་ཀླད་ཞོ་ནང་གི་ཚོམ་བུ་ཞིག་སྟེ། མཐོང་ཚོར་སྔ་རིམ་ཀླད་ཤུན་དང་། འབྲེལ་གནས་ཀླད་ཤུན། ཀླད་སྦུག་བཅས་ནས་དབང་ཚོར་ཆ་འཕྲིན་འབྱོར་གྱི་ཡོད་ཅིང་། ཀླད་སྦུག་འོག་མ་དང་། བར་ཀླད། ཀླད་ཟམ། རྗེ་ཞབས་བཅས་སུ་རྩ་རྒྱུས་ཀྱིས་མཐུད་ཡོད་ལ། སེམས་མྱོང་ལྡན་པའི་ཡ་ལན་གྱི་རྣམ་འགྱུར་གྱི་གྲུབ་ཆ་སྣ་ཚོགས་པ་འབྲེལ་མཐུད་བྱེད་པའི་བྱ་བ་བྱེད།