earth

phys. The planet that orbits the sun between the planets Venus and Mars at a mean distance from the sun of 14960000 Km. It has a mass of about 5.76 x1024 kg and an equatorial diameter of 12756 km. The earth consists of three layers: the gaseous atmosphere, the liquid hydrosphere, and the solid lithosphere.
ཉི་མ་ནས་ཆ་སྙོམས་རྒྱང་ཐག་ 14960000km ཡི་སར། གཟའ་པ་སངས་དང་གཟའ་མིག་དམར་གཉིས་ཀྱི་བར་ནས་ཉི་མར་སྐོར་བ་བྱེད་པའི་གཟའ་སྐར་ཞིག དེའི་གདོས་ཚད་ལ་ 5.76 x1024 kg ཡོད་པ་དང་དེའི་དཀྱིལ་ཐིག་མཚམས་ཀྱི་ཚངས་ཐིག་ལ་ 12756km ཡོད། སའི་གོ་ལ་རིམ་པ་གསུམ་གྱིས་གྲུབ་ཡོད་པ་ནི། རླངས་གཟུགས་ཀྱི་རླུང་ཁམས་དང་། གཤེར་གཟུགས་ཀྱི་ཆུའི་ཁམས། མཁྲེགས་གཟུགས་ཀྱི་ས་རྡོའི་ཁམས་བཅས་སོ།