གློག་རྡུལ།
phys. An elementary particle, classed as a lepton, with a rest mass (symbol me) of 9.1093897 (54) x 10-31kg and negative charge of 1.60217733 (49)x10-19 coulomb. Electrons are present in all atoms in groupings called shells around the nucleus; when they are detached from the atom they are called free electrons. The antiparticle of the electron is the positron.
ལེབ་ཊོན་གྱི་རིགས་སུ་གཏོགས་ཤིང་། འགུལ་མེད་གདོས་ཚད་(me) 9.1093897 (54) x 10-31kg ཡིན་པ་དང་། གློག་འཁུར་ཁུ་ལོམ་ལྡོག་གྲངས་ 1.60217733 (49)x10-19 བཅས་ཡིན་པའི་རྩ་རྡུལ་ཞིག གློག་རྡུལ་རྣམས་རྡུལ་ཕྲན་ཚང་མའི་ལྟེ་རྡུལ་གྱི་མཐའ་འཁོར་གྱི་སྐོགས་རིམ་དུ་འབོད་པའི་སྡེ་ཚན་ཁག་ཏུ་ཡོད་པ་ཡིན། གལ་ཏེ་གློག་རྡུལ་རྣམས་རྡུལ་ཕྲན་དང་ཁ་བྲལ་ཚེ་དེ་ལ་རང་དབང་གློག་རྡུལ་ཞེས་ཟེར། གློག་རྡུལ་གྱི་ལྡོག་མའི་ཕྲ་རྡུལ་ལ་ལྡོག་མའི་གློག་རྡུལ་ཟེར།